བརྩེ་བའི་མེ་ཏོག

Drongbu
2018-06-28 看过
提示:这篇影评可能有剧透

ཁཱར་བྷེ་ཁཎ་གྱི་གློག་བརྙན་<ཞའོ་ལའོ་ལིས་ཀྱི་ཁུ་བོ་ལྷ་སྤྲེལ།>ཞེས་པར་བལྟས་ཤིང་། དེ་ནི་པ་ཁེ་སི་ཐཱན་དང་རྒྱ་གར་གཉིས་ཀྱི་འཐབ་རྩོད་ལ་རྒོལ་བ་གཏོང་བ་བརྗོད་གཞིར་བྱས་པའི་སྒྱུ་རྩལ་གློག་བརྙན་ཕུལ་དུ་བྱུང་བ་ཞིག་ཡིན་ཞིང་། གློག་བརྙན་གྱི་མགོ་མཇུག་བར་གསུམ་ཀུན་ན་འཐབ་རྩོད་དང་ཞེན་ཁོག་ལ་ཅོ་འདྲི་བའི་མཁའ་དབུགས་ཤིག་གིས་ཁྱབ་ཏེ་ཡོད་ཅིང་། ཏག་ཏག་མི་སེམས་ཤིན་ཏུ་རབ་ཏུ་གཡོ་བར་བྱེད་པའི་ཕ་བུའི་བརྩེ་བ་དང་ཡིད་རྟོན་།བརྩེ་དུང་གིས་ཕྱུག་པའི་ནང་སེམས་ཀྱི་མཛེས་སྡུག་རེད། གློག་བརྙན་ཧྲིལ་བོའི་བར་མཚམས་སྦྲེལ་བྱེད་ལྟ་བུ་རུ་གྱུར་ཡོད་པའི་ཁ་ཆེའི་ཆོས་དཔོན་དེའི་བློ་གཤོག་ཡངས་པོའི་འོད་ཟེར་གྱིས་ཁོ་ཚོའི་ནང་སེམས་ལ་དྲོད་ཁོལ་བསྩལ་ཅིང་། སྟོད་ཀྱི་ཁག་ནའང་འུ་ཐུག་ཐབས་ཟད་དུ་གྱུར་བ་རེ་འགའ་ཡོད་པ་དེས་ད་གཟོད་ནང་སེམས་ཀྱི་བརྩེ་དུང་དང་སྙིང་རྗེ་ལ་སུས་ཀྱང་བསྒྲུན་དུ་མེད་པ་མཚོན་ལ། ཡང་བསྐྱར་མཆོང་ལྡིང་གཅིག་གིས་མཇུག་ཏུ་ཐོན་ལ་བརྙན་མིག་གི་བཀོད་པ་ཆེས་ལེགས་ཤོས་ཡང་དེ་རུ་ཡོད་སྙམ་སྟེ། ཁུ་བོ་བཙོན་ལས་ཐོན་ཏེ་མི་ཚོགས་ཀྱི་ཀི་སྒྲའི་ཁྲོད་མཐའ་མཚམས་ཀྱི་ཆུ་བོ་བརྒལ། སྔོན་ན་བསུ་མ་ཡོད་ཅིང་རྗེས་ན་སྐྱེལ་མ་ཡོད། མི་རེ་རེ་ཞི་འཇམ་དང་སྙིང་རྗེས་བརླམས་ཏེ་ནང་སེམས་ལྷོག་ལྷོག་ཏུ་གདུ། སྐད་ཅིག་མ་ཡི་ཡུན་དེ་ལ། སྐྱེལ་མར་ཡོང་བའི་བུ་མོ་ཆུང་ཆུང་དེ་མཐའ་མཚམས་ཀྱི་ལྕགས་དྲར་འཐམ་ནས་ཁ་ཤ་ཤུགས་ཀྱིས་འགུལ། གློ་བུར་མི་ཚོགས་ཀྱི་སྐད་སྒྲ་ཇེ་དམའ་ནས་ཇེ་དམར་གྱུར། བུ་མོ་དེའི་ཤེད་ཤུགས་ཀྱི་གསེང་ནས་སྐད་སྒྲ་ཕྲ་ལ་རིང་བ་ཞིག་ཐོན། ཁོ་མོས་རང་གི་མགྲིན་པར་རེག་ཙམ་བྱས། ཁོ་མོས་ཡང་བསྐྱར་ཤུགས་ཀྱིས་བོས། ཁུ་བོ། ཁུ་བོ། ལྷ་ལའོ་མའོ་ཁྲི་ལོར་ཤོག ཆུ་བོ་དེའི་དཀྱིལ་ནས་ཕྲད་ཅིང་། ལྷ་ལའོ་མའོ་ཁྲི་ལོར་ཤོག སྐད་སྒྲ་དེས་ནམ་མཁའ་དེ་ཧར་གྱིས་བཅད། སྐད་སྒྲ་དེས་འཐབ་རྩོད་ལ་གྱེས་བརྡ་བཏང་། དེ་ནི་སྒྱུ་རྩལ་གྱི་ཉིང་བསྡུས་རྩལ་ལས་བྱུང་བའི་ལྷུན་ཆགས་མཛེས་སྡུག་གོ།།/འབྲོང་བུ།

0 有用
0 没用

查看更多豆瓣高分电影电视剧

评论 0条

添加回应

小萝莉的猴神大叔的更多影评

推荐小萝莉的猴神大叔的豆列

了解更多电影信息

豆瓣
免费下载 iOS / Android 版客户端